<html>
    <head>
      <base href="https://bugs.documentfoundation.org/">
    </head>
    <body>
      <p>
        <div>
            <b><a class="bz_bug_link 
          bz_status_UNCONFIRMED "
   title="UNCONFIRMED - Search for unicode text (Tibetan script) does not work"
   href="https://bugs.documentfoundation.org/show_bug.cgi?id=144682#c1">Comment # 1</a>
              on <a class="bz_bug_link 
          bz_status_UNCONFIRMED "
   title="UNCONFIRMED - Search for unicode text (Tibetan script) does not work"
   href="https://bugs.documentfoundation.org/show_bug.cgi?id=144682">bug 144682</a>
              from <span class="vcard"><a class="email" href="mailto:andrewcarterhughes@gmail.com" title="Andrew Hughes <andrewcarterhughes@gmail.com>"> <span class="fn">Andrew Hughes</span></a>
</span></b>
        <pre>Here is a larger body of Tibetan text for testing.

1 །ཞེས་དཀར་
2 ཆོས་བཞིའི་སྐབས་སུ་གསལ་བར་གསུངས་པས་སོ། །འོན་ཀྱང་ཚེ་འདིར་ཡང་ནག་
3 ཆོས་རྣམས་བསྟེན་ན་སེམས་སྐྱེད་མཐུ་ཆུང་དུ་འགྲོའོ། །དེ་ལྟ་མ་ཡིན་ན་བྱང་སེམས་
4 ཀྱི་སྡོམ་ལྡན་གྱིས་བཞད་གད་ཀྱི་ཕྱིར་བརྫུན་ཅུང་ཟད་ཙམ་ཞིག་སྨྲས་པས་ཀྱང་ཐུན་ཚོད
5 འདས་ན་བྱང་སེམས་ཀྱི་སྡོམ་པ་གཏོང་བར་འགྱུར་ཏེ། དེ་སྨྲས་ན་སྨོན་སེམས་གཏོང་
6 ལ་དེ་བཏང་ན་སྡོམ་པ་གཏོང་བར་བྱང་ས་དང་བསླབ་བཏུས་གཉིས་ཀ་ལས་གསུངས་པའི་
7 ཕྱིར་རོ།།དེ་འདོད་ན་ནི། དེ་དག་ཀྱང་རྩ་ལྟུང་དུ་བཞག་དགོས་པར་འགྱུར་ན། དེ་
8 འདྲ་བ་གང་ནས་ཀྱང་མ་གསུངས་ཤིང་མི་འཐད་པའི་ཕྱིར་རོ། །གཞན་ཡང་ཐུན་ཚོད་
9 བརྩི་བ་ནི། ཉེ་བར་འཁོར་གྱིས་ཞུས་པའི་མདོའི་དོན་མ་རྟོགས་པའི་ལོག་རྟོག་ཏུ་འདུག་
10 སྟེ་འོག་ཏུ་འཆད་པར་འགྱུར་རོ།།སེམས་ཅན་བློས་སྤོང་ལ་ནི། སེམས་ཅན་སྤྱི་ལ་
11 དམིགས་ནས་བློས་སྤངས་ན་སྨོན་སེམས་བཏང་བ་ཉིད་ཡིན་ལ་སེམས་ཅན་བྱེ་བྲག་པ་
12 གཅིག་ལ་དམིགས་ནས། རེ་ཤིག་བདག་གིས། འདིའི་དོན་བྱ་བར་མི་ནུས་སོ་སྙམ་
13 པ་ལྟ་བུ་མ་ཡིན་པར་དུས་ཐམས་ཅད་དུ་འདིའི་དོན་མི་བྱའོ་སྙམ་པས་སྤངས་ན་ནི། ཡ་
14 གྱལ་བཀག་ན་ཚོགས་པ་ཁེགས་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་
15 པ་འཇིག་སྟེ། གཞན་དུ་ན་སེམས་ཅན་བརྒྱ་དང་སྟོང་ལ་སོགས་པ་དོར་ནས། དེའི་
16 ལྷག་གི་སེམས་ཅན་རྣམས་ཀྱི་དོན་དུ་སེམས་བསྐྱེད་པས་ཀྱང་སེམས་བསྐྱེད་མཚན་ཉིད་
17 རྫོགས་པར་ཐལ་བའི་ཕྱིར་རོ། །དེ་བས་ན་སྨོན་སེམས་བཏང་བ་དང་སེམས་ཅན་བློས་
18 སྤོང་མ་གཏོགས་པའི་བསླབ་བྱ་དེ་དག་ལས་འགལ་བ་ནི། སེམས་སྐྱེད་གཏོང་རྒྱུ་མ་ཡིན་
19 ཅིང་། ཇི་སྲིད་འཇུག་པ་སེམས་སྐྱེད་ཆོ་གས་མ་བཟུངས་ཀྱི་བར་དུ་བྱང་སེམས་ཀྱི་སྡོམ་
20 པ་དང་མི་ལྡན་པས། སྡོམ་པ་དང་འགལ་བའི་ལྟུང་བ་མེད་ཀྱང་། བར་མ་དགེ་བ་ཁས་
21 བླངས་པ་དང་འགལ་བའི་ཉེས་པར་སྤྱོད་པ་ཞེས་བྱ་བ་ཡིན་པས་སྟོབས་བཞིས་བཤགས་</pre>
        </div>
      </p>


      <hr>
      <span>You are receiving this mail because:</span>

      <ul>
          <li>You are the assignee for the bug.</li>
      </ul>
    </body>
</html>